Happy Birthday Our Precious Guru

We have held a birthday celebration of VEN. Sonam Tenzin Rinpoche at the Barom Kagyu Dharma Center (Tibetan Buddhist temple ) at Sefton, NSW.

We are so fortunate to have you, to receive your precious teachings and blessings.

In the morning we have prayed White Tara, Mandala offering, and Lamp lighting.

After lunch, a group of Tibetans offered beautiful Tibetan dances for VEN. Sonam Tenzin Rinpoche’s Birthday. Everyone was very joyful and happy.

We wish and pray that Rinpoche and all the great Masters have long and healthy lives. May all your Dharma activities prosper throughout the world, bringing peace, happiness and harmony.

ཨོ་སི་ཐྲ་ལི་ཡ་རུ་གནས་པའི་འབའ་རོམ་བཀའ་བརྒྱུད་སྐྱོ་བྲག་སྒྲུབ་བརྒྱུད་ཆོས་གླིང་དུ་བསོད་ནམས་བསྟན་འཛིན་རིན་པོ་ཆེ་མཆོག་གི་སྐུ་ཡི་འཁྲུངས་སྐར་བསུ་བའི་སྐལ་བཟང་ཤར་བ་ནི་རང་ཅག་རྣམས་ཀྱི་བསོད་ནམས་ཆེ་ལ།

ཞོགས་པ་བཀྲ་ཤིས་པའི་ཉི་ཟེར་དང་ལྷན་དུ་དང་པོར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་ག་དང་། བརྟན་བཞུགས་དང་དེའི་རྗེས་མར་མེ་སྨོན་ལམ། ཉིན་གུང་གསོལ་ཚིགས་ཀྱི་རྗེས་ནས་དེ་རིང་འདིར་ཕེབས་པའི་བོད་རིགས་རྣམས་ཀྱིས་རིན་པོ་ཆེའི་འཁྲུངས་སྐར་ལ་བོད་བྲོའི་མཆོད་པ་ཕུལ།

རིན་པོ་ཁོང་ཉིད་དང་བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་པ་མཐའ་དག་སྐུ་ཚེ་མི་འགྱུར་ཚེ་ལྷའི་གཤིས་སུ་བཞུགས་ལ། དམ་པ་ཁོང་རྣམ་པའི་བསྟན་དང་འགྲོ་བའི་དོན་ཆེན་རྣམས་གེགས་མེད་ཡིད་བཞིན་དུ་འགྲུབ་ནས་འཛམ་གླིང་གི་ཡུལ་གྲུ་མཐའ་དག་ཞི་བདེ་དང་། བདེ་སྐྱིད། འཆམ་མཐུན་ལ་ལོངས་སྤྱོད་པའི་སྨོན་འདུན་གྲངས་མེད་ཞུའོ།། དགེའོ།།

དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །

མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །

བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་བྱང་ནས། །

མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །

SAKA DAWA NYUNGNE RETREAT

May 12 to May 29, 2023